settings icon
share icon
གསུང་་་

དྲི་བ། ང་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་ཀྱི་ཡིན། ད་ལྟ་གང་འདྲ་བྱེད་དགོས་རེད།

དྲི་བ།་་་


ལན།བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ཁྱེད་ཀྱི་མི་ཚེའི་ཁ་ལོ་བསྒྱུར་བའི་སེམས་ཐག་གཅིག་བཅད་པ་རེད། གཅིག་བྱས་ན་ཁྱེད་རང་གི་“ང་ད་ལྟ་གང་འདྲ་བྱེད་དགོས་རེད།? ངས་གང་འདྲ་བྱས་ནས་ང་དང་གནམ་བདག་བར་གྱི་འགྲུལ་ལམ་འགོ་འཛུགས་དགོས་”ཞེས་འདྲི་སྲིད། དཔེ་ཆའི་ནང་དུ་གཤམ་གྱི་གོམས་སྟབས་ལྔ་པོ་བསྟན་ཡོད་པས་དེས་རང་ལ་ཁ་ཕྱོགས་སྟོན་ངེས་རེད། གལ་ཏེ་ཁྱེད་ཀྱི་འགྲུལ་ལམ་ནང་གནད་དོན་གང་ཞིག་ཡོད་ཀྱང་། www.GotQuestions.org/Tibetan

དེར་གཟིགས་རོགས།

(a) དང་པོ། ཡར་འདྲེན་ཤེས་པ་འགན་ལེན་བྱེད་པ།1 John 5:13ཡི་ང་ཚོར་བཤད་པར།“ངས་ཅ་ལག་དེ་ཚོ་བྲིས་ནས་ཁྱེད་ལ་སྤྲད་པ་དེ།ཁྱེད་རང་དམ་པའི་མིང་ཐོག་ལ་ཡིད་ཆེས་ཡོད་པས་ཡིན་ལ་ཁྱེད་ནས་ཀྱང་རང་ཉིད་ལ་ནམ་ཡང་འཚོ་གནས་ཀྱི་གོ་སྐབས་ཐོབ་པ་ཤེས་སྲིད་གནམ་བདག་གི་ང་ཚོར་ཡར་འདྲེན་བྱེད་དགོས་པ་དང་དངོས་གནས་དྲང་གནས་ཀྱི་ང་ཚོ་ནི་སྐྱོབ་པ་ཡིན་པ་ཤེས་སུ་འཇུག་འདོད་ཡོད།བསྡུས་ཙམ་བཤད་ན། ང་ཚོར་གཙོ་གནད་ཀྱི་ཡི་གེ་ཡར་འདྲེན་ཞེས་པ་དེ་ལྟ་རུ་འཇུག་པ་ཡིན།ང་ཚོ་ཚང་མར་ནག་ཉེས་ཡོད། ཚང་མས་གནམ་བདག་ཐུགས་མ་སྤྲོ་བའི་ལས་བྱས་ཡོད།(Romans 3:23).

(b) ནག་ཉེས་དེས་ང་ཚོར་ནམ་ཡང་གནམ་བདག་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བའི་ཉེས་པ་ཐོབ་ངེས་ཡིན།Romans 6:23).

(c)ཡེ་ཤུ་རྒྱ་གྲམ་ཐོག་བཤེགས་པ་དེ་ང་ཚོའི་ནག་ཉེས་ཚབ་བྱས་ནས་ཁྱེར་བ་ཡིན། (Romans 5:8; 2 Corinthians 5:21). ཡེ་ཤུ་རྒྱ་གྲམ་ཐོག་བཤེགས་པ་དེ། ང་ཚོའི་ཚབ་བྱས་པ་ཡིན། ཁོ་པ་འདས་ལོག་བྱས་པ་དེས་ཡེ་ཤུ་བཤེགས་པས་ང་ཚོའི་ཉེས་པ་འདང་ངེས་བཞིན་འཇལ་ཡོད་པ་དེ་བསྟན་ཡོད།

(d)གནམ་བདག་གིས་ཡེ་ཤུར་དད་པ་བྱེད་མཁན་གྱི་མི་ཚང་མར་གུ་ཡངས་དང་ཡར་འདྲེན་གནང་བ་དང་ཁོ་པ་བཤེགས་པ་དེས་ང་ཚོའི་ཉེས་པ་དག་ཐབས་བྱས་པ་ཡིད་ཆེས་བྱེད་ཀྱི་ཡོད། (John 3:16; Romans 5:1; Romans 8:1).

དེ་ནི་ཡར་འདྲེན་གྱི་བརྡ་འཕྲིན་ཡིན། གལ་སྲིད་ཁྱེད་རང་གི་ཡེ་ཤུ་ནི་རང་ཉིད་ཀྱི་སྐྱབས་མགོན་ཡིན་པ་ཡིད་ཆེས་ཡོད་ན། ཁྱེད་རང་སྐྱོབ་སྲིད་ལ་ནག་ཉེས་ཚང་མ་གུ་ཡངས་གཏོང་སྲིད། གནམ་བདག་ནམ་ཡང་ཁྱེད་དང་ཁ་མི་བྲལ་བའམ་ཁྱེད་གཡུག་མི་ཞོག་པའི་ཁས་ལེན་སྲིད། (Romans8:38-39; Matthew28:20). སེམས་ལ་ངེས་དགོས་པར་ཡེ་ཤུ་ཡིས་ཁྱེད་རང་ཡར་འདྲེན་བྱེད་པ་དེ་ཐེ་ཚོམ་སྤུ་ཙམ་མེད་པ་ཞིག་རེད།(John10:28-29).གལ་སྲིད་ཁྱེད་རང་གི་ཡེ་ཤུ་ནི་རང་གི་མགོན་སྐྱབས་གཅིག་པུ་དེ་རང་ཡིན་པ་ཡིད་ཆེས་ཡོད་ཚེ། རང་ཉིད་ལྷ་ཡུལ་གྱི་ཞིང་ཁམས་དུ་གནམ་བདག་དང་མཉམ་དུ་ནམ་ཡང་གནས་སྲིད།

གཉིས་པ། ཆོས་ཁང་ཡག་པོ་ཞིག་དང་ཆོས་པ་ཡག་པོ་ཞིག་དཔེ་ཆ་ཡག་པོ་ཞིག་འཚལ་དགོས་པ།

ཆོས་ཁང་ནི་འཛུགས་སྐྲུན་གྱི་དངོས་པོ་ཞིག་རེད་བསམ་ན་མི་འགྲིག་སྟེ་དེ་ནི་འཇིག་རྟེན་པ་ཞིག་རེད། ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་རྣམས་ཀྱི་ཕན་ཚུན་འབྲེལ་བ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། དེ་ནི་ཆོས་ཁང་གི་དགོས་པ་གཙོ་བོ་ཞིག་ཡིན། ད་ལྟ་ཁྱེད་རང་ཡི་ཤུའི་ཆོས་ལུགས་ལ་དད་པ་བྱས་པ་ཡིན་ན། ང་ཚོས་ཁྱེད་རང་གནས་སའི་ས་ཆ་ནས་གསུང་རབ་ལ་ཡིད་ཆེས་བྱེད་མཁན་གྱི་ཆོས་ཁང་སམ་ཡང་ན་ཡེ་ཤུའི་ཆོས་ལུགས་འཆད་མཁན་ཞིག་བཙལ་རྒྱུའི་སྐུལ་འདེད་བྱེད་རྒྱུ་ཡིན། ཁོ་པར་རང་ཉིད་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་འགོ་འཚུགས་པ་ཤེས་སུ་འཇུག་དགོས།

ཆོས་ཁང་གི་དགོས་པ་གཉིས་པ་ནི་དཔེ་ཆ་སློབ་པ་དེ་ཡིན། ཁྱེད་རང་གི་གནམ་བདག་གིས་ཕྱོགས་སྟོན་དེ་གང་འདྲ་བྱས་ནས་རང་ཉིད་ཀྱི་འཚོ་བའི་ནང་བེད་སྤྱོད་བྱེད་དགོས་པ་ཤེས་ངེས་རེད། གསུང་རབས་ལ་རྒྱུས་མངའ་ལོན་པ་བྱེད་རྒྱུ་ནི་ཡེ་ཤུའི་ཆོས་དད་པའི་འཚོ་བ་ལེགས་པོ་ཞིག་དང་སྟོབས་ཆེན་ཞིག་ཆག་རྒྱུའི་འགག་རྩ་ཡིན།

2Timothy3:16-17ཡི་བཤད་པར། གསུང་རབས་ཚང་མ་གནམ་བདག་ཡི་ཟུར་སྟོན་བྱས་པ་ཡིན། མི་ལ་བསླབ་བྱ་དང་བལྟ་སྐུལ། བཟང་པོའི་ལམ་ལ་འགྲོ་བ། སྦྱངས་པའི་སྙིང་པོ་ཐམས་བཅད་ཕན་ཐོགས་ཡོད་པའི་སློབ་སྟོན་བྱེད་པ། གནམ་བདགའི་དབང་དུ་ཚུད་པའི་མི་ཚང་མ་ཆ་ཚང་བ་དང་ལས་བཟང་སྣ་ཚོགས་སྒྲུབ་པའི་གྲ་སྒྲིག་བྱེད་པ།

ཆོས་ཁང་གི་དགོས་པ་གསུམ་པ་ནི་ཕྱག་འཚལ་ས་ཡིན། ཕྱག་འཚལ་བ་ནི་གནམ་བདག་ཡིས་གནང་བ་ཐམས་བཅད་ལ་ཐུགས་རྗེ་ཞུ་བ་ཡིན། གནམ་བདག་ཡི་ང་ཚོ་སྐྱོབ་པ་དང་། ང་ཚོར་དགའ་བ། ང་ཚོའི་དགོས་མཁོ་སྐོང་བ། ང་ཚོར་ལམ་སྣེ་འདྲེན་པས་ང་ཚོས་ཁོང་ལ་ཐུགས་རྗེ་མི་ཞུ་བ་སྲིད་དམ?གནམ་བདག་ནི་ལྷ་ཡིན་ལ་དྲང་བདེན་དང། བརྩེ་སེམས། རྙིང་རྗེ། བཀའ་དྲིན་བཅས་ཀྱི་ཁེངས་ཡོད། བློ་གསལ་ཟིན་བྲིས།4:11ནང་དུ། ཁྱེད་ལ་ལོ་བ་ཡིན། ཁྱེད་ནི་ང་ཚོའི་བདག་པོ་དང་གནམ་བདག་ཡིན། གཟི་བརྗིད་དང་གཟེངས་བསྟོད་དེ་བཞིན་སྟོབས་ཤུགས་བཅས་ཐོབ་པ་ནི་ཁྱེད་ཀྱི་ཆམས་བཅད་གསར་གཏོད་བྱས་པས་ཡིན་ལ། ཁྱེད་ལ་བརྟེན་ནས་ཁོང་ཚོ་གསར་གཏོད་བྱས་པས་ཡིན།

གསུམ་པ། ཉིན་ལྟར་དུས་ཚོད་བེད་སྤྱད་ནས་གནམ་བདག་ལ་ཆེད་མངགས་དོ་ཁུར་བྱེད་པ།

ཉིན་ལྟར་དུས་ཚོད་བེད་སྤྱད་ནས་གནམ་བདག་ལ་ཆེད་མངགས་དོ་ཁུར་བྱེད་རྒྱུ་ནི་ང་ཚོའི་ངོས་ནས་བཤད་ན་ཧ་ཅང་གི་གལ་ཆེན་པོ་ཡིན། མི་ཁ་ཤས་ཀྱི་དེ་ལ་“སྒོམ་སྒྲུབ་ཀྱི་དུས་”ཟེར་བ་དང་ཡང་ཁ་ཤས་ཀྱི་“ཆོས་ལུགས་ཀྱི་གུས་འདུད་”དེ་ནི་ང་ཚོས་རང་ཉིད་གནམ་བདག་ལ་འབུལ་བའི་དུས་ཡིན། མི་ཁ་ཤས་ཀྱི་ཞོགས་པའི་དུས་ཚོད་བེད་སྤྱོད་པ་དང་ཁ་ཤས་ཀྱི་དགོང་མོའི་དུས་ཚོད་བེད་སྤྱོད་ཀྱི་ཡོད། གང་ལྟར་ཁྱེད་ཀྱི་དུས་ཚོད་དེ་གང་འདྲ་ཞིག་བདམས་པ་དང་ག་དུས་བྱས་པ་ཡིན་ཀྱང་། དེ་ནི་ཁྱེད་རང་གནམ་བདག་དང་མཉམ་དུ་གནས་པའི་དུས་ཚོད་ཡིན། གནམ་བདག་དང་མཉམ་དུ་དོན་གང་སྒྲུབ་དགོས?

སྨོན་ལམ་འདེབས་པ། སྨོན་ལམ་འདེབས་པ་ནི་གནམ་བདག་དང་སྟབས་བདེའི་གླེང་མོལ་བྱེད་པ་ཡིན། རང་གི་དོ་ཁུར་བྱེད་པའི་དོན་གནམ་བདག་ལ་བཤད་ནས་གནམ་བདག་གི་རྣམ་དཔྱོད་དང་ལམ་སྟོན་རག་པ་བྱེད་དགོས་རང་ཉིད་ཀྱི་དགོས་མཁོ་སྐོང་རྒྱུའི་རེ་བ་ཞུ་དགོས། གནམ་བདག་ལ་རང་ཁོང་ལ་དགའ་པོ་ག་ཚོད་ཡོད་པ་དང་ཁོང་གི་གནང་བའི་ཐམས་བཅད་ཐུགས་རྗེ་ཞུ་གི་ཡོད་པ་བཤོད་དགོས། དེ་ནི་སྨོན་ལམ་འདེབས་པའི་ནང་དོན་ཡིན།

ཡི་ཤུའི་ཆོས་ཀང་དང་གུས་ཞབས་སློབ་གྲྭ་དེ་བཞིན་གསུང་རབས་ཞིབ་འཇུག་ལྟེ་བ་ཕུད་རང་ཉིད་ཀྱིས་ཀྱང་གསུང་རབས་ཀློག་དགོས་གསུང་རབས་ལས་རང་གྱིས་ཡི་ཤུའི་ཆོས་དད་པ་ཞིག་ཆག་སྐབས་ཤེས་དགོས་ངེས་ཀྱི་གནད་དོན་མང་པོ་ཤེས་ཐུབ། དེའི་ནང་གནམ་བདག་གིས་རྣམ་སྤྱོད་དག་པའི་གདམ་ཁ་བྱ་ཐབས་དང་ ཇི་ལྟར་བྱས་ནས་གནམ་བདག་གི་བསམ་བློ་ཤེས་པ་བྱེད་དགོས་པ་ཇི་ལྟར་བྱས་ནས་མི་གཞན་ལ་དོ་དམ་བྱེད་ཐབས་དེ་བཞིན་ཇི་ལྟར་བྱས་ནས་བསམ་བློའི་སྦྱངས་ཚད་གོང་མཐོར་གཏོང་བ་སོགས་ཤེས་ཐུབ། གསུང་རབས་ནི་གནམ་བདག་གིང་ང་ཚོར་གནང་བའི་གསུང་རེད།

དོན་དངོས་ཐོག་གསུང་རབས་ཀྱི་ངོ་བོ་ནི་གནམ་བདག་གི་ང་ཚོར་གནང་བའི་ལམ་སྟོན་མེ་ལོང་རེད་དེ་ཡིས་ང་ཚོར་ཇི་ལྟར་བྱས་ནས་བདེ་ལྡན་གྱི་འཚོ་བ་སྐྱེལ་སྟངས་གསལ་སྟོན་མཛད་ཡོད།

༤བསམ་བློའི་ཐོག་ནས་རང་ལ་རོགས་རམ་གནང་བ།

1 Corinthians 15:33ཡིས་ནོར་འཁྲུལ་གྱི་ལམ་ལ་འཇུག་མི་རུང་ངན་གྲོགས་ཀྱི་རང་ཉིད་ཀྱི་ཀུན་སྤྱོད་ཕུང་བར་བྱེད་ཅིང་དཔེ་ཆའི་ཟུར་གང་སར་འབོད་བསྒྲགས་སུ་མི་ངན་དེས་ང་ཚོའི་ལུས་ཐོག་གི་ཤུགས་རྐྱེན་དང་སྡིག་པའི་ལས་ཁོ་ནར་བརྩོན་མཁན་གྱི་མི་དེ་ཚོས་ང་ཚོ་ཡང་སྡིག་པའི་ལས་ལ་འཁྲིད་སྲིད་ལ་ང་ཚོའི་མཐའ་འཁོར་གྱི་མི་ཚང་མས་སླད་དུ་ང་ཚོར་བསྒྲིབ་ཕོག་སྲིད་ འདི་ནི་གནམ་བདག་ལ་དགའ་མཁན་དང་གནམ་བདག་ལ་ལྷག་བསམ་བྱེད་མཁན་མི་ཚོ་མཉམ་དུ་གནས་དགོས་པའི་གཙོ་གནད་ཀྱི་རྒྱུ་མཚན་དེ་ཡིན་གལ་སྲིད་རང་ཉིད་གྲོགས་བསྒྲིག་དགོས་བསམ་ན་ གཅིག་བྱས་ན་མི་དེ་རང་ཉིད་ཀྱི་ཆོས་ཁང་ནས་ཡོང་བ་ཡིན་སྲིད།

དེ་ལྟར་བྱས་ཚེ་རང་ལ་སེམས་ཤུགས་སྦྱིན་ཐུབ།(Hebrews3:13;10:24)རང་གི་གྲོགས་པོས་རང་ལ་བལྟ་བསྐུལ་བྱེད་དགོས། ་རང་གིས་ཀྱང་ཁོ་ཚོར་དེ་ལྟར་བྱེད་ཀྱི་ཡོད་དམ། རང་དང་གྲོགས་པོ་ཚོ་མཉམ་དུ་ཡི་ཤུའི་བྱམས་སེམས་ཆེན་མོ་ལོངས་སྤྱོད་བྱེད་དགོས།

༥གྲིབ་སེལ་དང་ལེན་བྱེད་པ།

གྲིབ་སེལ་ནི་གསུང་རབས་ནང་གི་མིང་ཚིག་གཅིག་རེད་དེ་ནི་རང་ཉིད་དངོས་སུ་ཡི་ཤུའི་ཚོས་དད་པ་ཞིག་ཆགས་པར་བྱེད་པའི་ཆོ་ག་ཞིག་རེད།ཆུ་ཡི་ནང་ལུས་བསིལ་བ་དེ་ཡིས་རང་ཉིད་ཡི་ཤུ་དང་མཉམ་དུ་མྱ་ངན་བྱས་པ་ཚོན་དེས་ཡི་ཤུ་འདས་ལོག་བྱེད་པའི་སྣང་བརྙན་དེ་ཆུ་ཡི་ནང་ནས་མངོན་པ་བསལ་བཤད་བྱས་ཡོད་གྲིབ་སེལ་ཆོ་ག་དེས་རང་ཉིད་ཡི་ཤུ་དང་དུས་ནམ་ཡང་མཉམ་ཤི་མཉམ་གསོན་བྱེད་འདོད་པ་དེ་མཚོན་པར་བྱེད།

འདིར་བརྗོད་པའི་གྲིབ་སེལ་ནི་རང་གི་སྡིག་ཉེས་སེལ་བ་དང་རང་གི་གྲིབ་པ་སེལ་བར་མི་གོ་སྟེ་གྲིབ་སེལ་ཆོ་གན་ནི་རང་ཡི་ཤུའི་ཆོས་དད་པར་འགྱུར་བའི་གོམ་སྟབས་དང་པོ་དེ་རེད། དེས་རང་ཉིད་དངོས་སུ་ཡི་ཤུའི་ཆོས་དད་པ་བྱེད་འདོད་ཅེས་གསལ་གྲགས་བྱེད་ཀྱི་ཡོད།

ཆོ་ག་དེ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། གང་ཡིན་ཟེར་ན་དེ་ནི་རང་ཡི་ཤུའི་ཆོས་ལ་ཕུགས་པའི་གོམ་པ་དང་པོ་དེ་རེད། གལ་ཏེ་རང་གྲིབ་སེལ་བྱེད་འདོད་ན་རང་གིས་ཆོས་དཔོན་ལ་གྲིབ་སེལ་བྱེད་འདོད་ཅེས་ལབ་ན་འགྲིག།

English



བོད་ཡིག་པར་གཞི་ཐོག་མར་ལོག་པ།

དྲི་བ། ང་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་ཀྱི་ཡིན། ད་ལྟ་གང་འདྲ་བྱེད་དགོས་རེད།
© Copyright Got Questions Ministries